“争做中国好网民,守护网络精神家园”网上倡议签名活动 在线签名活动
活动举行时间: 2022-09-08 10:30:00 到2022-09-10 00:24:00
活动主办方:札达县委宣传部(网信办)
广大网民朋友们:
为共同维护网络安全,提升广大人民群众在网络空间的获得感、幸福感、安全感,现向全县广大网民发出如下倡议:
一、坚守法律底线,做网络法制的建设者。自觉遵守宪法和《网络安全法》等互联网相关法律法规,自觉选择健康信息,不参与有害和无用信息的制作和传播,拒绝传播违反国家法律、影响国家安全、破坏社会稳定、破坏民族团结和宗教信仰的信息。
二、强化安全意识,做网络安全的维护者。坚守社会主义制度底线和国家利益底线,合理使用网络资源,不通过互联网传输有害国家和人民利益的文字、图片、视频等内容,不通过互联网攻击网络系统、窃取各种秘密、积极监督举报各种危害网络安全的不法行为,推动网络空间安全发展。
三、崇尚社会公德,做网络文明的推动者。坚守社会公共秩序底线、道德风尚底线和信息真实性底线,认真践行社会主义核心价值观,理性上网、文明上网,自觉抵制网络虚假信息、低俗信息和网络谣言,拒绝网络低俗行为,坚决反对网络暴力,推动网络空间绿色发展。
四、唱响网络主旋律,做网络正能量传播者。自觉接受先进网络文化熏陶,远离不良网络信息。自觉在学习工作生活中、在网络空间里弘扬传播正能量;旗帜鲜明地驳斥杂音噪音,提倡先进文化,摒弃消极颓废,唱响网上“中国好声音”,促进绿色网络建设。
“网络安全为人民,网络安全靠人民”。维护网络安全是全社会共同责任。让我们从现在做起、从自己做起,坚持文明上网、文明办网,携手共建绿色、安全、文明、和谐的网络空间。
རྒྱ་ཆེའི་དྲ་དམངས་གྲོགས་པོ་ལྷན་རྒྱས།
དྲ་རྒྱའི་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དྲ་རྒྱའི་བར་སྟོང་གི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོངཆེད་ད་ལྟ་རྫོང་ཡོངས་ཀྱི་རྒྱ་ཆེའི་དྲ་དམངས་ལ་འབོད་སྐུལ་ཞུ་རྒྱུ་གཤམ་གསལ།
གཅིག བཅའ་ཁྲིམས་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱས་ནས་དྲ་རྒྱའི་ཁྲིམས་ལུགས་འཛུགས་སྐྲུན་བྱེད་མཁན་ཞིག་བྱ་དགོས། 《རྩ་ཁྲིམས》་དང་《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》སོགས་དྲ་སྦྲེལ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་རང་རྟོགས་ངང་བརྩི་སྲུང་ཞུ་བ་དང་། བདེ་ཐང་གི་ཆ་འཕྲིན་འདེམས་པ། ཕན་མེད་གནོད་ཡོད་ཆ་འཕྲིན་བཟོ་བ་དང་ཁྱབ་སྤེལ་བྱེད་པར་མི་ཞུགས་པ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འགལ་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པ། སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་དད་མོས་ལ་གཏོར་བཤིག་གཏོང་བ་བཅས་ཀྱི་ཆ་འཕྲིན་ཁྱབ་སྤེལ་མི་བྱེད་པ་བཅས་བྱ་དགོས།
གཉིས། བདེ་འཇགས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་བྱེད་མཁན་བྱ་དགོས།སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མ་མཐའི་མཚམས་ཐིག་དང་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་མ་མཐའི་མཚམས་ཐིག་བརྟན་སྲུང་དང་། དྲ་རྒྱའི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན། དྲ་སྦྲེལ་བརྒྱུད་དེ་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་པའི་ཡི་གེ་དང་། པར་རིས། བརྙན་འཕྲིན་སོགས་ཀྱི་ནང་དོན་བརྒྱུད་གཏོང་མི་བྱེད་པ། དྲ་སྦྲེལ་བརྒྱུད་དེ་དྲ་རྒྱའི་མ་ལག་ལ་ཕར་རྒོལ་དང་། གསང་བ་སྣ་ཚོགས་རྐུ་ལེན། དྲ་རྒྱའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་ལྟ་སྐུལ་དང་ཐེར་འདོན་གོང་ཞུ་ཧུར་ཐག་བྱས་ནས་དྲ་རྒྱའི་བར་མཐོངས་བདེ་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
གསུམ། སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ལ་བརྩི་མཐོང་དར་སྤེལ་བཏང་ནས་དྲ་རྒྱའི་དཔལ་ཡོན་ལ་སྐུལ་འདེད་གཏོང་མཁན་བྱ་དགོས།སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་གྱི་མཐའ་ཚད་དང་། ཀུན་སྤྱོད་དར་སྲོལ་གྱི་མཐའ་ཚད། ཆ་འཕྲིན་བདེན་པ་ཡིན་མིན་གྱི་མཐའ་ཚད་བཅས་བརྟན་སྲུང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་ནན་ཏན། ཚུལ་མཐུན་ངང་དྲ་བར་ཞུགས་པ་དང་ཡ་རབས་ཚུལ་ལྡན་ངང་དྲ་བར་ཞུགས་པ། དྲ་རྒྱའི་ཆ་འཕྲིན་རྫུན་མ་དང་། མ་རབས་ཐ་ཤལ་གྱི་ཆ་འཕྲིན། དྲ་རྒྱའི་དཀྲོག་གཏམ་བཅས་རང་འགུལ་གྱིས་བཀག་འགོག་བྱེད་དགོས། དྲ་རྒྱའི་དྲག་ཤུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་དྲ་རྒྱའི་བར་མཐོངས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས།
བཞི། དྲ་རྒྱའི་བརྗོད་བྱ་གཙོ་བོ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་དྲ་རྒྱའི་དྲང་ནུས་ཁྱབ་སྤེལ་བྱེད་མཁན་བྱ་དགོས།སྔོན་ཐོན་གྱི་དྲ་རྒྱའི་རིག་གནས་ཀྱི་བག་ཆགས་བཟང་པོ་རང་རྟོགས་ངང་དང་ལེན་བྱས་ཏེ་དྲ་རྒྱའི་ཆ་འཕྲིན་མི་ལེགས་པ་དང་རྒྱང་ཐག་རིང་དུ་གཏོང་དགོས། ལས་ཀ་དང་འཚོ་བ་བཅས་ཀྱི་ཁྲོད་དུ་རང་འགུལ་གྱིས་དྲ་རྒྱའི་བར་སྟོང་དུ་དྲང་ནུས་དར་སྤེལ་དང་ཁྱབ་སྤེལ་གཏོང་རྒྱུ་སློབ་སྦྱོང་བྱེད་དགོས། དར་ཆ་གསལ་སྟོན་གྱིས་མ་རབས་ཐ་ཤལ་གྱི་གླེང་མོལ་ལ་དགག་པ་རྒྱག་པ་དང་། སྔོན་ཐོན་རིག་གནས་དར་སྤེལ་གཏོང་བ། སྒྱིད་ལུག་ཉམས་རྒུད་དོར་བ་བཅས་བྱས་ཏེ་དྲ་ཐོག་གི"ཀྲུང་གོའི་སྐད་སྒྲ་བཟང་པོ"སྒྲོག་སྤེལ་བྱས་ནས་དྲ་རྒྱའི་ཁོར་ཡུག་བཟང་པོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
"དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་དྲ་རྒྱའི་བདེ་འཇགས་ནི་མི་དམངས་ལ་བརྟེན་དགོས་ཞེས་པའི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ང་ཚོས་ད་ལྟ་རང་ཉིད་ནས་འགོ་བཙམས་ཏེ། ཡ་རབས་ཚུལ་ལྡན་གྱིས་དྲ་བར་ཞུགས་པ་དང་དཔལ་ཡོན་གྱི་དྲ་བ་བེད་སྤྱོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལག་གདང་སྦྲེལ་ནས་བདེ་འཇགས་དང་། དཔལ་ཡོན། ཞི་མཐུན་བཅས་ཀྱི་དྲ་བའི་བར་སྟོང་གི་ཁོར་ཡུག་བཟང་པོར་མཉམ་སྐྲུན་བྱ་དགོས།活动举行时间: 2022-09-08 10:30:00 到2022-09-10 00:24:00
活动主办方:札达县委宣传部(网信办)


更多线上活动也可以点击本页面联系方式 与我们人工在线沟通。提供更多趣味线上活动。